Sunday, 4 June 2017

རྡུལ་ཕྲན་ངོ་སྤྲོད་སྙིང་བསྡུས།

རྡུལ་ཕྲན།   སྟག་ཚ་ལེགས་པ་རྒྱ་མཚོས་དབྱིན་བསྒྱུར་བྱས།  རྡུལ་ཕྲན་ནི་ཧ་ཅང་ཕྲ་བའི་དངོས་གཟུགས་ཤིག་ཡིན་ལ་དེའི་ཆུང་མཐའ་ཇི་འདྲ་ཡིན་མིན་ཚོད་དཔག... thumbnail 1 summary

རྡུལ་ཕྲན།  

སྟག་ཚ་ལེགས་པ་རྒྱ་མཚོས་དབྱིན་བསྒྱུར་བྱས། 

རྡུལ་ཕྲན་ནི་ཧ་ཅང་ཕྲ་བའི་དངོས་གཟུགས་ཤིག་ཡིན་ལ་དེའི་ཆུང་མཐའ་ཇི་འདྲ་ཡིན་མིན་ཚོད་དཔག་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། ཁྱོད་ཀྱིས་བསྟར་ཕྲེང་གང་རུང་ཞིག་གི་ནང་ཚུད་པའི་རྡུལ་ཕྲན་གྱི་གྲངས་ལ་ཚོད་དཔག་ཅིག་བྱོས་དང་། རིང་ཚད་སེན་ཊ་མི་ཊ་(CM)གཅིག་དང་ལྡན་པའི་བསྟར་ཕྲེང་རེ་རེ་རྡུལ་ཕྲན་ས་ཡ་བརྒྱ་ཐམ་པས་གྲུབ་ཡོད། འཇིག་རྟེན་འདིའི་སྟེང་གི་དངོས་གཟུགས་ཡོད་དོ་ཅོག་རྡུལ་ཕྲན་གྱིས་གྲུབ་པ་ཡིན། ཁྱོད་སྡོད་སའི་རྐུབ་བཀྱག་དང་།ཁྱོད་ཀྱིས་ལྟ་བཞིན་པའི་རྩིས་འཁོར། ཁྱོད་ཀྱིས་གོན་པའི་གྱོན་ཆས་བཅས་རྡུལ་ཕྲན་གྱིས་གྲུབ་ཡོད་པ་མ་ཟད་ཁྱོད་ཀྱི་གཟུགས་པོ་ཡང་རྡུལ་ཕྲན་ལས་གྲུབ་ཡོད། འདིར་རྡུལ་ཕྲན་་གྱི་རིགས་བརྒྱ་ལྷག་ཡོད་ལ་རྡུལ་ཕྲན་གྱི་རིགས་མི་འདྲ་བ་དེ་དག་ལྕགས་དང་འཚོ་རླུང་ལྟ་བུའི་རྩ་རྫས་(ཁམས་རྫས)མི་འདྲ་བ་རེ་རེའི་ཁོངས་སུ་གཏོགས་ཡོད། རྩ་རྫས་ཞེས་པ་ནི་རྡུལ་རིགས་གཅིག་ལས་གྲུབ་པའི་རྫས་རིགས་དཀྱུས་མ་ཞིག་ཡིན། འཚོ་རླུང་ནི་འཚོ་རླུང་གི་རྡུལ་ཁོ་ནས་གྲུབ་ཡོད་ལ་ལྕགས་ཀྱང་ལྕགས་རིགས་ཀྱི་རྡུལ་ཁོ་ནས་གྲུབ་པ་ཡིན།

ATOM

An atom is a tiny, tiny bit of matter. It’s really hard to imagine how small an atom is. Suppose you could line atoms up in row. It would take 100 million atoms to make a row only 1 centimeter long.
Everything in the world is made of atoms. The chair you are sitting on, the computer you are looking at, the clothes you are wearing, and even your body are all made of atoms.
There are more than 100 kinds of atoms. Each kind of atom belongs to a different element, such as oxygen or iron. An element is the simplest kind of substance there is, made up of only one kind of atom. Oxygen is the element made up of only oxygen atoms. Iron is the element made up of only iron atoms.

འཚོ་རླུང་འདུས་རྡུལ་གྱི་དཔེ་མཚོན།

རྡུལ་ཕྲན་ལ་ཆ་ཤས་ཡོད་དམ།

རྡུལ་ཕྲན་ཚང་མ་ལ་གཞི་རྩའི་ཆ་ཤས་གཅིག་མཚུངས་ཡོད། དངོས་གཟུགས་ཚང་མའི་དབུས་སུ་ལྟེ་རྡུལ་ཞེས་པའི་ཆ་ཤས་ཤིག་ཡོད་པ་དེ་ནི་ཕོ་རྡུལ་དང་བར་རྡུལ་ཞེས་པའི་ཆ་ཤས་ཆུང་བ་གཉིས་ཀྱིས་གྲུབ་ཡོད། ཕོ་རྡུལ་དང་བར་རྡུལ་གཉིས་ཀྱང་ཁོག་ཅེས་པའི་ཆ་རྡུལ་ཕྲ་མོ་ཞིག་གིས་གྲུབ་ཡོད། མོ་རྡུལ་རྣམས་ལྟེ་རྡུལ་གྱི་ཉེ་འཁོར་དུ་མྱུར་མགྱོགས་ངང་འཁོར་གྱིན་ཡོད་ལ་དེ་ལ་རྒྱང་ཐག་ཀྱང་ཅུང་ཙམ་ཡོད།མོ་རྡུལ་དང་ལྟེ་རྡུལ་གཉིས་ཀྱི་བར་ལ་རྒྱང་ཐག་ཡོད་ཅེས་པ་ནི་དེ་གཉིས་ཀྱི་བར་ཐག་ཕལ་ཆེ་བ་སྟོང་སངས་ཡིན་པའི་དོན་ཡིན། མོ་རྡུལ་ཆ་ཤས་གང་ཞིག་གིས་གྲུབ་མིན་སྐོར་ལ་ཚན་རིག་པ་རྣམས་ཀྱིས་བསམ་བློ་གཏོང་ཐུབ་ཀྱི་མེད། རྡུལ་ཕྲན་གྱི་རིགས་རེ་རེ་ལ་ཕོ་རྡུལ་དང་།མོ་རྡུལ།བར་རྡུལ་བཅས་ཀྱི་མཐུད་སྦྱོར་མི་འདྲ་བ་སོ་སོ་ནས་ཡོད། རྫས་སྦྱོར་གྱི་ཁམས་རྫས་རིགས་རྣམས་རྡུལ་ཕྲན་གང་དུ་གཏོགས་མིན་དེ་ཕོ་རྡུལ་གྱི་གྲངས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ལ་ཕོ་རྡུལ་གྱི་གྲངས་ཐ་དད་པ་དེས་འཚོ་རླུང་གི་རྡུལ་དང་ལྕགས་རྡུལ་གྱི་བར་ལ་ཁྱད་པར་ཅི་ཡོད་ཀྱི་དབྱེ་བ་འབྱེད་ཐུབ།

DO ATOMS HAVE PARTS?

All atoms have the same basic parts. Most of the matter in an atom is at its center, which is called the nucleus. The nucleus of nearly all atoms is made of two more parts called protons and neutrons. Protons and neutrons consist of even tinier parts called quarks.
Electrons whirl around the nucleus but at some distance. The distance between electrons and the nucleus means that most of an atom is empty space. Scientists do not think that electrons are made of any more parts.
Each type of atom has a different combination of protons, neutrons, and electrons. The number of protons determines what kind of chemical element the atom is. The difference in number of protons explains why oxygen differs from iron.

རྡུལ་ཕྲན་གསར་དུ་རྙེད་མཁན་སུ་ཡིན་ནམ།

རྡུལ་ཕྲན་རྣམས་གསར་རྙེད་གང་ཡང་མིན། ཕྱི་ལོའི་སྔོན་གྱི་ལོ་བཞི་བརྒྱ་ཡས་མས་ནས་གནའ་བོའི་གྷི་རིག་པ་རྣམས་ཀྱིས་རྡུལ་ཕྲན་སྐོར་གྱི་བསམ་བློ་རྙེད་འཚོལ་བྱུང་ཡོད། འོན་ཀྱང་གནའ་བོའི་གྷི་རིག་པ་རྣམས་ཀྱིས་རྡུལ་ཕྲན་གྱི་དོན་དངོས་ཀྱི་གནས་ལུགས་གང་ཡིན་དེ་ཏག་ཏག་ཤེས་རྟོགས་ཐུབ་མེད། ལོ་རབས༡༩༠༠སྐབས་སུ་ཚན་རིག་པ་རྣམས་ཀྱིས་རྡུལ་གྱི་རང་བཞིན་དང་དབྱིབས་ཀྱི་སྐོར་ལ་གསར་རྙེད་མང་པོ་བྱུང་ཡོད། ཚན་རིག་པ་རྣམས་ཀྱིས་རྡུལ་ཕྲན་ཆ་འབྱེད་ཀྱི་འཕྲུལ་ཆས་དང་། ཆ་རྡུལ་མགྱོགས་ཚད་སྤོར་ཆས་སོགས་བཀོལ་ཏེ་མཉམ་དུ་བསྡེབས་པའི་རྡུལ་ཕྲན་རྣམས་སིལ་བུར་བཏང་སྟེ་དེ་དག་སིལ་བའི་ཆ་ཤས་སོ་སོར་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་ཚོས་ཕྲ་རབ་རྡུལ་རྣམས་དམ་དུ་སྦྲེལ་བྱེད་ཀྱི་སྟོབས་དང་ལྡན་པའི་ཤུགས་དང་། ཉིང་རྡུལ་གྱི་ནུས་ཤུགས་དང་རྡུལ་ཕྲན་གྱི་ནུས་ཤུགས་ཟེར་བའི་སྟོབས་དེ་ཅི་ལྟར་འབྱུང་ཚུལ་བཅས་ཀྱི་སྐོར་ལའང་སྦྱོང་གི་ཡོད། ཁོང་ཚོས་ནུས་ཤུགས་དེ་དག་ལ་བརྟེན་ནས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱས་ཡོད་པ་མ་ཟད་གློག་བསྐྲུན་པ་ལ་མཁོ་བའི་རྡུལ་ཕྲན་གྱི་ནུས་ཤུས་མངའ་བའི་ཉིང་རྡུལ་སྟོབས་ཤུགས་རྩི་ཤིང་ཡང་བཟོ་བསྐྲུན་བྱས་ཡོད།


WHO DISCOVERED ATOMS?

Atoms are not a new discovery. Ancient Greeks came up with the idea of atoms around 400 BC. But the ancient Greeks did not understand what atoms were really like. Scientists made many discoveries about the structure and nature of atoms during the 1900s. They used big machines called atom smashers, or particle accelerators, to smash parts of atoms together. Then they studied the pieces. They learned that powerful forces hold each tiny atom together. They learned how to release this power called atomic energy or nuclear energy. They built atomic bombs using this energy. They also built nuclear power plants that use atomic energy to make electricity.

འདུས་རྡུལ།

ཁྱོད་རང་དངོས་པོ་རྣམས་ཇི་ལྟར་གྲུབ་མིན་སྐོར་ལ་ཡ་མཚན་སྐྱེས་མྱོང་ངམ། དངོས་གཟུགས་ཁ་ཤས་མཁྲེགས་པོ་དང་ཁ་ཤས་མཉེན་མོ་ཡོད།ཁྱོད་ཀྱིས་བླུག་ཐུབ་པའི་དངོས་གཟུགས་ཁ་ཤས་ཀྱང་ཡོད། དངོས་པོ་རྣམས་མི་འདྲ་བའི་རྒྱུ་མཚན་ནི་དེ་དག་འདུས་རྡུལ་ཕྲ་མོ་མི་འདྲ་བ་རེ་རེས་གྲུབ་པ་ལ་རག་ལས་པ་ཡིན། འདུས་རྡུལ་རྣམས་ཧ་ཅང་ཕྲ་རྐྱེན་ཁྱོད་ཀྱིས་མཐོང་མི་ཐུབ། འདུས་རྡུལ་རྣམས་ཀྱང་དེ་ལས་ཕྲ་བའི་དངོས་གཟུགས་རྡུལ་ཕྲན་ཞེས་པས་གྲུབ་ཡོད། རྡུལ་ཕྲན་གཉིས་སམ་དེ་ལས་མང་བ་ཕན་ཚུན་སྦྲེལ་ཏེ་འདུས་རྡུལ་གྲུབ། ཁྱོད་རང་ཉིད་གཙོས་པའི་ཉེ་འཁོར་གྱི་དངོས་གཟུགས་ཚང་མ་རྡུལ་ཕྲན་དང་འདུས་རྡུལ་ལ་བརྟེན་ནས་གྲུབ་པ་ཡིན།

MOLECULES

Did you ever wonder what things are made of? Some objects are hard. Some are soft. Some things you can pour. The reason materials are different is because they are made of different bits called molecules. Molecules are so tiny that you cannot see them. Molecules are made of even tinier things called atoms. Two or more atoms link together to make a molecule. You and all things around you are made of molecules and atoms.

འདུས་རྡུལ་གྱི་རིགས་མི་འདྲ་བ་གང་ཡོད་དམ།

འདིར་འདུས་རྡུལ་གྱི་རིགས་མི་འདྲ་བ་ས་ཡ་མང་པོ་ཡོད། འདུས་རྡུལ་ཁག་ཅིག་ནི་རྡུལ་ཕྲན་གྱི་རིགས་གཅིག་ལས་གྲུབ་ཡོད་པ་ནི་འཚོ་རླུང་གི་རྡུལ་ཕྲན་གཉིས་ཀྱིས་གྲུབ་པའི་འཚོ་རླུང་གི་འདུས་རྡུལ་ལྟ་བུ་ཡིན། འཚོ་རླུང་ཞེས་པ་ནི་སེམས་ཅན་ཡོད་དོ་ཅོག་འཚོ་བ་ལ་ངེས་པར་དུ་མཁོ་བའི་མཁའ་དབུགས་ཤིག་ཡིན། འདུས་རྡུལ་མང་ཆེ་བ་རྡུལ་ཕྲན་གཅིག་ལས་མང་བས་གྲུབ་ཡོད་པ་ནི། འཚོ་རླུང་གི་རྡུལ་ཕྲན་གཅིག་དང་ཡང་རླུང་གི་རྡུལ་ཕྲན་གཉིས་ཀྱིས་གྲུབ་པའི་ཆུའི་འདུས་རྡུལ་ལྟ་བུ་ཡིན། འདུས་རྡུལ་རྣམས་ལ་དབྱིབས་དང་བོངས་ཚད་སྣ་མ་སྣ་ཚོགས་འབྱུང་གི་ཡོད། ཆུ་ནི་འདུས་རྡུལ་ཆུང་ཆུང་ཞིག་དང་།་འགྱིག་ལས་གྲུབ་པའི་སྤྲོ་སྐྱིད་ཀྱི་ཟུང་ཐུར་ནི་རྡུལ་ཕྲན་གྱི་རིགས་མི་འདྲ་བ་མང་བོས་གྲུབ་པའི་འདུས་རྡུལ་ཧ་ཅང་ཆེན་པོ་ཞིག་ཡིན།

WHAT KINDS OF MOLECULES ARE THERE?

There are millions of different kinds of molecules. Some molecules are made of only one kind of atom. A molecule of oxygen gas is made of two oxygen atoms. Oxygen is a gas in air that all animals must breathe in order to live.
Most molecules are made of more than one kind of atom. One atom of oxygen and two atoms of hydrogen, for example, make a molecule of water.
Molecules come in all shapes and sizes. Water is a small molecule. Molecules that make up the plastic in a picnic fork are huge molecules made of many kinds of atoms.


འདུས་རྡུལ་ཕན་ཚུན་དབར་ཁྱད་པར་གང་ཡོད་དམ།

དངོས་གཟུགས་ཀྱི་འདུས་རྡུལ་གང་ཡིན་དེ་འདུས་རྡུལ་ནང་གི་རྡུལ་ཕྲན་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ལ། རྡུལ་ཕྲན་གཅིག་གིས་ཀྱང་ཁྱད་པར་ཆེན་པོ་བཟོ་ཐུབ། འཚོ་རླུང་གི་རྡུལ་ཕྲན་གཉིས་ཀྱིས་ལྷད་མེད་པའི་འཚོ་རླུང་གི་འདུས་རྡུལ་ཞིག་གྲུབ་ཀྱི་ཡོད་མོད། འོན་ཀྱང་འཚོ་རླུང་གི་རྡུལ་ཕྲན་གཅིག་དང་ནག་རྫས་ཀྱི་རྡུལ་ཕྲན་གཅིག་གིས་ནང་རྫས་འཚོ་རླུང་རྐྱང་ལྡན་གྱི་འདུས་རྡུལ་གྲུབ་ཡོད། ནག་རྫས་འཚོ་རླུང་རྐྱང་ལྡན་ཟེར་བ་ནི་དུག་ཤུགས་ཆེ་བའི་རླུང་གཟུགས་ཤིག་ཡིན། གལ་སྲིད་ཁྱོད་ཀྱིས་ནག་རྫས་འཚོ་རླུང་རྐྱང་ལྡན་གྱི་སྟེང་དུ་སླར་ཡང་འཚོ་རླུང་གི་རྡུལ་ཕྲན་གཅིག་བསྣན་ན་རྩི་ཤིང་གི་ཟས་བཟོ་བར་ངེས་པར་མཁོ་བའི་གནོད་པ་མེད་པའི་རླུང་གཟུགས་ནག་རྫས་འཚོ་རླུང་ཉིས་ལྡན་ཞེས་པ་དེ་རག་གི་རེད།

WHAT’S THE DIFFERENCE BETWEEN MOLECULES?

The atoms in a molecule determine what material the molecule is. A change in just one atom can make a big difference. Two oxygen atoms make one molecule of pure oxygen gas. But one oxygen atom and one carbon atom make a molecule of carbon monoxide. Carbon monoxide is a deadly poisonous gas. If you add just one more oxygen atom to carbon monoxide, you get carbon dioxide, a harmless gas that plants need to make food.


འདུས་རྡུལ་དག་གང་ལས་འབྱུང་ངམ།

འདུས་རྡུལ་གྱི་རིགས་ཁག་ཅིག་རང་བྱུང་ཁམས་སུ་འཚོལ་ཐུབ་ལ། དེ་ལྟ་བུའི་རང་བྱུང་ཁམས་ཀྱི་འདུས་རྡུལ་ས་ཡ་མང་པོ་ལྷན་དུ་འཚོགས་ཏེ་སེམས་ཅན་དང་། རྩི་ཤིང་མང་པོའི་ཕྲ་ཕུང་བཟོ་བསྐྲུན་བྱེད་ཀྱི་ཡོད།ཁྱོད་ཀྱི་གསོལ་བའི་ཟས་དང་། རྔུབ་པའི་རླུང་། གྱོན་པའི་གོས་དང་བཅས་པ་རང་བྱུང་ཁམས་ཀྱི་འདུས་རྡུལ་མང་པོས་གྲུབ་པ་ཡིན། འདུས་རྡུལ་ཁག་ཅིག་ཚན་རིག་པས་བཟོ་བསྐྲུན་བྱེད་ཀྱི་ཡོད། ཁྱོད་ཀྱི་གྱང་ལ་བྱུག་རྒྱུའི་ཚོན་རྩི་དང་གོས་ཐུང་གི་མདོག་སྒྱུར་བའི་ཚོས་སོགས་ནི་ཚན་རིག་པས་བཟོ་བསྐྲུན་བྱས་པའི་འདུས་རྡུལ་གྱིས་གྲུབ་པ་ཡིན་ནོ།།

WHERE DO MOLECULES COME FROM?

Some molecules are found in nature. Millions of natural molecules join together to make up the cells in plants and animals. The food you eat, the air you breathe, and the cotton clothes you wear are made of natural molecules.
Some molecules are made by scientists. The paint on your walls and the dye that colors your T-shirt come from molecules made by scientists.

གཤམ་གསལ་རེའུ་མིག་དེར་རྡུལ་ཕྲན་དང་པོ་ཉི་ཤུའི་ཨང་གྲངས་དང་གདོས་ཚད་སོགས་ཀྱི་དཔེ་མཚོན་མདོར་བསྡུས་ཙམ་བཀོད་ཡོད་དེས་ཕྱི་མ་རྣམས་ལ་རིགས་འགྲེ་ཆོག

རྡུལ་གྱི་ཨང་།
རྡུལ་ཕྲན་གྱི་མིང་།
མཚོན་རྟགས།
གདོས་ཚད།
Elements
ཡང་རླུང་།  
H
༡་༠༡
Hydrogen
ཧེ་ལི་ཡམ།  
He
༤༌༠༠
Helium
ལི་ཐི་ཡམ།
Li
༦༌༩༤
Lithium
བེ་རི་ལི་ཡམ།
Be
༩༌༠༡
Beryllium
ཚ་ལ་ནག་པོ།
B
༡༠༌༨༡
Boron
ནག་རྫས།
C
༡༢༌༠༡
Carbon
ཟེ་རླུང་།
N
༡༤༌༠༡
Nitrogen
འཚོ་རླུང་།
O
༡༦༌༠༠
Oxygen
ཕུ་ལའོ་རིན།
F
༡༩༌༠༠
Fluorine
༡༠
གསར་རླུང་།
Ne
༢༠༌༡༨
Neon
༡༡
བུལ་རྫས།
Na
༢༢༌༩༩
Sodium
༡༢
དཀར་ཡང་།
Mg
༢༤༌༣༡
Magnesium
༡༣
ཧ་ཡང་།
Al
༢༦༌༩༨
Aluminium
༡༤
སི་ལི་ཀོན།
S
༢༨༌༠༩
Silicon
༡༥
འོད་ཀྱི་མ་མ།
P
༣༠༌༩༧
Phosphorus
༡༦
མུ་ཟི།
S
༣༢༌༠༧
Sulfur
༡༧
ཚྭ་རླངས།
Cl
༣༥༌༤༥
Chlorine
༡༨
གཉུག་རླངས།
Ar
༣༩༌༩༥
Argon
༡༩
སྡུག་སེལ་དཀར་པོ།
K
༣༩༌༡༠
Potassium
༢༠
དཀར་རྫས།
Ca
༤༠༌༠༨
Calcium






No comments

Post a Comment

Like us on Facebook