Friday, 5 May 2017

ཚན་རིག་གི་ཆེད་དུ་དཀའ་སྡུག་མྱངས་པ།

དུས་ཀྱི་རྒྱུད་རིམ་ཁྲོད་ཚན་རིག་པ་མང་པོ་ཞིག་གིས་བདེན་དོན་འཚོལ་ཞིབ་ཆེད་རང་ཉིད་ཀྱི་འཕྲོད་བསྟེན་དང་ཚེ་སྲོག་ཚུན་ཆད་ཀྱི་ཉེན་འགན་ལ་ཡང་དང་ལེན་བྱས... thumbnail 1 summary

དུས་ཀྱི་རྒྱུད་རིམ་ཁྲོད་ཚན་རིག་པ་མང་པོ་ཞིག་གིས་བདེན་དོན་འཚོལ་ཞིབ་ཆེད་རང་ཉིད་ཀྱི་འཕྲོད་བསྟེན་དང་ཚེ་སྲོག་ཚུན་ཆད་ཀྱི་ཉེན་འགན་ལ་ཡང་དང་ལེན་བྱས་ཡོད།

ཨའི་སཀ། ནིའུ་ཌོན།

དུས་རབས་བདུན་པའི་ནང་ཕེབས་པའི་ཚན་རིག་པ་ཁོང་ནི་ཧ་ཅང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་ཡིན་ཡང་རིག་སྟོབས་དེས་ཁོང་གི་ལྐུག་རྟགས་ཚ་བའི་བྱ་སྤྱོད་ཁག་ཅིག་བཀག་འགོག་བྱེད་ཐུབ་མེད། ཀེམ་བྷིརིཇ་ལ་ཡོད་པའི་ཁོང་གི་ཚོད་ལྟ་ཁང་ནང་ཁོང་གིས་ཡང་ཡང་བརྟག་དཔྱད་ཁྱད་མཚར་རེ་བྱས་ཡོད། སྐབས་ཤིག་ཁོང་གིས་མིག་གི་དྭངས་ཤེལ་བརྒྱུད་འོད་ཇི་ལྟར་བརྒྱུད་གཏོང་བྱེད་ཀྱི་ཡོད་མེད་སྐོར་ལ་བརྟག་དཔྱད་གནང་ཕྱིར། ཁབ་རྩེ་རྣོན་པོ་རིང་པོ་ཞིག་མིག་ནང་བཙུགས་ཏེ་རྒྱབ་ཕྱོགས་སུ་འབུལ་འདེད་བྱས་ཐོག་ཕར་ཚུར་སྐོར་ནས་ཅི་ཞིག་བྱུང་མིན་བལྟས། སྟབས་ལེགས་པ་ཞིག་ལ་རྒྱུན་རིང་བའི་གནོད་སྐྱོན་གང་ཡང་མ་བྱུང་། དུས་སྐབས་གཞན་ཞིག་ལ་ཉི་འོད་ཀྱིས་མཐོང་ཚོར་ལ་ཤུགས་རྐྱེན་ཇི་ཙམ་སྤྲོད་ཀྱི་ཡོད་མེད་སྐོར་རྒྱུས་མངའ་ལོན་ཕྱིར་ཁོང་གིས་མིག་ཉི་མར་ཅེར་ནས་གང་ཐུབ་བར་བལྟས་ནས་བསྡད། སླར་ཡང་ཁོང་ལ་གཏན་འཇགས་ཀྱི་གནོད་སྐྱོན་མ་ཐེབས་པར་ཐར་ཐུབ་ཡོད་ཀྱང་ཉིན་ཤས་རིང་ཁང་པ་ནག་ཁུང་ཞིག་གི་ནང་དུ་མིག་མགསོསབར་བཞུགས་དགོས་བྱུང་ཡོད། 

ཀར་ ཤིལ། 


༡༧༥༠ ནང་སིཝི་ཌིཤ་ཀྱི་རྫས་སྦྱོར་བ་ཀར་ ཤིལ་ནི་ འོད་ཀྱི་མ་མ(སྤྲ་ཚིལ་འདྲ་བའི་རྫས་མུན་ནག་ཏུ་རང་མདངས་འཕྲོ་བ་ཞིག) ཞེས་པའི་རྫས་དེ་ཐོག་མར་སྐྲུན་མཁན་ཆགས། དེ་བཞིན་དུ་ཁོང་གིས་ཚྭ་རླངས་(གཙོ་བོ་ཚྭ་ལས་བྱུང་བའི་རྫས་རླུང་ཁ་དོག་ལྗང་སེར་ཚོར་སྦྲིད་དང་། གཉིད་སྨན་སོགས་ལ་བཀོལ་བའི་རྫས་ཤིག) ཚུད་པའི་རྩ༌རྫས་གཞན་བརྒྱད་ཀྱང་གསར་བསྐྲུན་བྱས། དེ་ལྟར་ཡང་ཁོང་ལ་དེ་དག་གི་ཐོག་ལ་འོས་པའི་མིང་གྲགས་ཐོབ་མེད། ཁོང་ནི་ཁྱད་དུ་འཕགས་པའི་ཚན་རིག་པ་ཞིག་ཡིན་ཡང་ཁོང་གི་ཉེས་ཆ་གཅིག་ནི་དངུལ་ཆུ་དང་སྐྱུར་ཚ་སྔོན་པོ་སོགས་རྫས་ཆ་རེ་རེའི་ཐོག་ལ་ཡང་ཤེས་འདོད་ཆེན་པོས་ཨུ་ཚུགས་ཀྱིས་རྫས་སྦྱོར་ཚོད་ལྟ་བྱེད་པ་དེ་ཡིན། མཐའ་མ་ཁོང་ཉེན་འགན་ཆེ་བའི་ཀུན་སྤྱོད་དེ་ལས་ཐར་ཐུབ་མེད། ༡༧༨༦ ལོར་ཁོང་རང་ཉིད་ཀྱི་ཚོད་ལྟ་ཁང་ནང་དུག་རྫས་མང་པོའི་ཁྲོད་དུ་གྲོངས་ཡོད་པ་དང་། རྫས་དེ་དག་ལས་གང་ཡང་རུང་བ་ཞིག་ནི་ཁོང་གི་གྲོངས་རྐྱེན་ཆགས་ཡོད།

པཱཡི་རཱེ་དང་མ་རཱའི་ཁུ་རི།
༡༩༠༠ ལོའི་འགོ་སྟོད་ཙམ་ལ་པཱཡི་རཱེ་དང་མ་རཱའི་ཁུ་རི་རྣམ་གཉིས་ཀྱིས་འགྱེད་འཕྲོ་(རླབས་དང་རྡུལ་གྱི་ངོ་བོར་ནུས་པ་འཕྲོ་བའི་རྒྱུད་རིམ་ཞིག)གསར་རྙེད་བྱུང་དུས་དེ་ནི་ཧ་ཅང་གི་ཉེན་ཚབས་ཅན་ཞིག་ཡིན་པར་སུ་ཞིག་གི་བློ་ཡུལ་ལའང་ཤར་མེད་པའི་ཐོག་མང་པོ་ཞིག་གིས་དེ་ནི་ཕན་ཐོགས་པོ་ཞིག་ཡིན་པའི་ངོས་འཛིན་བྱས། ད་དུང་ ༡༩༢༠ ཡས་མས་སུ་ནཱིའུ་ཡོག་གི་མགྲོན་ཁང་ཞིག་གིས་འགྱེད་འཕྲོ་ཅན་གྱི་ཆུའི་བཅོས་ཐབས་ཐོག་ཁྱབ་བསྒྲགས་ཀྱང་བྱས་མྱོང་། པཱཡི་རཱེ་དང་མ་རཱའི་ཁུ་རི་གཉིས་ཀ་འགྱེད་འཕྲོའི་ནད་ཀྱིས་ཟིན་པ་དང་། ༡༩༣༤ ལོར་མ་རཱའི་ཁུ་རི་ཁོང་ལུ་ཁཱི་མི་ཡ་(ཁྲག་ཕུང་དཀར་པོའི་འབྲས་ནད་གཅིག་འདིས་གཟུགས་པོའི་ནང་གི་འགོ་ནད་སྔོན་འགོག་གི་ནུས་པ་ཉམ་དམའ་རུ་གཏོང་) ནད་ཀྱི་རྐྱེན་པས་གྲོངས། དུས་ད་ལྟ་ཡང་༡༨༩༠ ནང་གི་མོ་རང་གི་ཡིག་ཆ་དང་ཐ་ན་མོའི་གཡོ་སྦྱོར་གྱི་དེབ་ཡན་ཆད་ཀྱང་ལག་འཆང་བར་ཉེན་ཚབས་ཅན་ཆགས་ཡོད། མོའི་ཚོད་ལྟ་ཁང་གི་དེབ་རྣམས་ད་ལྟ་སྒམ་དམིགས་བསལ་བ་ཞིག་ནང་བཅུག་ཡོད་ཅིང་དེབ་དེ་རྣམས་ལ་བལྟ་དགོས་མཁན་ཚོས་ཉེན་སྲུང་ཆས་གོས་གྱོན་དགོས་པ་ཡིན།



མུ་འགོད། འདིར་འཁོད་རྩོམ་ཡིག་དང་བསྒྱུར་རྩོམ་ཁག་ལ་མཆན་འདེབས་པར་ Gmail གློག་འཕྲིན་ཁ་བྱང་དགོས།

No comments

Post a Comment

Like us on Facebook