Wednesday, 31 May 2017

སྐྱེ་དངོས་གོ་ལ།

 སྟག་ཚ་ལེགས་པ་རྒྱ་མཚོས་བྲིས། ཕྲ་རྡུལ་དུ་མ་བསགས་པ་ལས།། ཕོ་མོ་མ་ནིང་རྡུལ་གསུམ་གྲུབ།།  དེ་ལ་རྡུལ་ཕྲན་ཞེས་སུ་འབོད།། དེ་ནི་བེམ་གཟུག... thumbnail 1 summary
 སྟག་ཚ་ལེགས་པ་རྒྱ་མཚོས་བྲིས།

ཕྲ་རྡུལ་དུ་མ་བསགས་པ་ལས།།
ཕོ་མོ་མ་ནིང་རྡུལ་གསུམ་གྲུབ།། 
དེ་ལ་རྡུལ་ཕྲན་ཞེས་སུ་འབོད།།
དེ་ནི་བེམ་གཟུགས་གྲུབ་པའི་གཞི།།

རྡུལ་ཕྲན་དུ་མ་ཚོགས་པ་ན།།
འདུས་རྡུལ་སྣ་ཚོགས་གྲུབ་སླ་ཞིང་།།
དེ་ལས་གྲུབ་པའི་བེམ་གཟུགས་ཀུན།།
ཚེ་སྲོག་ཡོད་མེད་གཉིས་སུ་གྱེས།།

ཚེ་སྲོག་ལྡན་པའི་སྐྱེ་དངོས་ཀྱི།།
འཇོག་བྱེད་ཆུང་ཤོས་ཕྲ་ཕུང་ཡིན།།
ཕྲ་ཕུང་དེ་ཡང་ཕྲ་ཕུང་ལས།།
བྱུང་བར་འདོད་དོ་དེ་ཡང་ནི།།

ཕྲ་ཕུང་དུ་མ་ཚོགས་པ་ལས།།
ཕུང་གྲུབ་བྱུང་ཞིང་དེ་ཉིད་ལས།།
དབང་ཕྲ་གྲུབ་ཅིང་དེ་དག་ལས།།
དབང་པོ་སྣ་མ་སྣ་ཚོགས་གྲུབ།།

དབང་པོ་དུ་མ་འདུས་པ་ལས།།
དབང་པོའི་མ་ལག་འདྲ་མིན་འབྱུང་།།
མ་ལག་དེ་དག་ཚོགས་པ་ན།།
སྐྱེ་ལྡན་སྐྱེ་དངོས་སྣ་ཚོགས་འབྱུང་།།

སྐྱེ་ལྡན་སྐྱེ་དངོས་སྣ་ཚོགས་པའི།།
ཉེ་རིགས་ཐ་དད་སོ་སོ་བ།།
ཁོར་ཡུག་གཅིག་ཏུ་འདུས་པ་ན།།
ཚོགས་འདུས་ཞེས་པ་འབྱུང་བ་འོ།།

ཚོགས་འདུས་མང་པོ་འདུས་པ་ལས།།
སྣོད་བཅུད་མ་ལག་གྲུབ་པ་འོ།།
སྣོད་བཅུད་མ་ལག་དེ་དག་གིས།།
སྐྱེ་དངོས་གོ་ལ་འདི་གྲུབ་བོ།།

དེ་ལྟར་ཆུང་མཐའ་རྡུལ་ཕྲན་ནས།།
ཆེ་བ་སྣོད་བཅུད་མ་ལག་བར།།
སྔ་མ་སྔ་མ་ལ་བརྟེན་ནས།།
ཕྱི་མ་ཕྱི་མ་འདི་གྲུབ་བོ།།
              
    

2 comments

  1. Quality articles or reviews is the key to attract the viewers to pay a quick visit the web page, that's what this site is providing. paypal login

    ReplyDelete
  2. When you buy a house, you can find a quantity of costs you'll need to put cash aside for as well as your downpayment. canada mortgage calculator If a borrower fails to pay his payments punctually, the lending company will first call or send letters to remind him which a payment was due. mortgage payment calculator

    ReplyDelete

Like us on Facebook