Saturday, 22 April 2017

ལོག་པའི་གདོས་ཚད། Negative Mass

དངོས༌ཁམས༌རིག༌པ༌བ༌ཚོར༌ལོག་པའི༌གདོས༌ཚད༌ཐོག་དོ༌སྣང༌བྱུང༌བ། པར་རིས་དེས་ནེའུ་དྲོན་གྱི་གཏན་ཁྲིམས་གཉིས་པ་འགུལ་སྐྱོད་ཀྱི་སྐོར་དེ་གསལ་སྟོན་བྱེ... thumbnail 1 summary

དངོས༌ཁམས༌རིག༌པ༌བ༌ཚོར༌ལོག་པའི༌གདོས༌ཚད༌ཐོག་དོ༌སྣང༌བྱུང༌བ།

པར་རིས་དེས་ནེའུ་དྲོན་གྱི་གཏན་ཁྲིམས་གཉིས་པ་འགུལ་སྐྱོད་ཀྱི་སྐོར་དེ་གསལ་སྟོན་བྱེད་ཀྱི་ཡོད། གཏན་ཁྲིམས་དེས་དངོས་པོ་གང་ཞིག་གི་ཤུགས་ནི་དངོས་པོ་དེའི་གདོས་ཚད་དང་མྱུར་སྣོན་གཉིས་བསྒྱུར་བའི་སྒྱུར་ཐོབ་དང་དོ་མཉམ་ཡིན་ཞེས་བསྟན་ཀྱང་ཚན་རིག་པ་ཚོས་གཤེར་གཟུགས་ཤིག་བསྐྲུན་ཡོད་པ་དེས་ཁྲིམས་དེར་འགག་ལན་ཡོད་ཚོད་ཏུ་སྣང་།
དངོས༌ཁམས༌རིག༌པ༌བ༌ཚོས༌ལོག༌པའི༌གདོས༌ཚད༌ཅན༌གྱི༌གཤེར༌གཟུགས༌ཤིག༌བསྐྲུན༌ཅིང༌དེར༌ཁྱེད༌ཀྱིས༌འབུད༌རྒྱག༌གཏང༌ཚེ༌རང༌ཕྱོགས༌ལ༌ཚུར༌མྱུར༌སྐྱོད༌བྱེད།

རྒྱུན༌ལྡན༌གྱི༌འཁོར༌ཡུག༌ནང༌བྱ༌དངོས༌ཤིག༌ལ༌ཤུགས༌ཀྱིས༌འབུད༌རྒྱག༌གཏོང༌ཚེ༌དེ༌རང༌སྟེང༌ལ༌ཤུགས༌གང༌ཞིག༌གི༌ཕྱོགས༌ལ༌བརྒྱབ༌ཡོད༌པ༌དེའི༌ཕྱོགས༌སུ༌མྱུར༌སྐྱོད༌བྱེད༌ཀྱིན༌ཡོད། འདི༌འདྲའི༌འབྲེལ༌བ༌དེ༌ནིའོ༌ཊོན༌གྱི༌གཏན༌ཁྲིམས༌གཉིས༌པས༌འགྲེལ༌བརྗོད༌བྱེད༌ཀྱི༌ཡོད།ཡིན༌ན༌ཡང༌རྣམ༌གཞག༌ནང༌གློག༌འཁུར༌ཞིག༌ཕོའམཡང༌ན༌མོགང༌རུང༌གི༌རྣམ༌པར༌ཡོད༌ཆོག༌པ༌ལྟར༌བྱ༌དངོས༌ཞིག༌ལ༌ཡང༌ལོགཔའི༌གདོས༌ཚད༌ཡོད༌ཆོག 

གནས་ཚུལ་དེ་ནི་དངོས་ཁམས་རིག་པའི་བསྐྱར་ཞིབ་སོ་མའི་ཉིན་ཐོའི་ནང་འགྲེལ་བརྗོད་བྱས་འདུག

གང་ཞིག་གི་ལོག་པའི་དགོས་ཚད་ཀྱི་མིག་སྟོན་གསལ་བཤད་མ་སྟོན་གོང་གི་རླངས་པའི་སྤྲིན་ཕུང་ཞིག (པར་རིས་སྟེང་མ་)སྲིན་ཕུང་རྒྱ་སྐྱེད་ཏུ་ཕྱིན་ནས་(པར་རིས་བར་མ་)མཐར་ལྡོག་པའི་ཕྱོགས་སུ་རྒྱ་སྐྱེད་ཕྱིན་བཞིན་པའི་རྣམ་པ།(པར་རིས་མཐའ་མ་) མཨེ་ཀལ་ཕོར་བྷིས། ཝ༌ཤིང༌ཊོན༌གཙུག༌ལག༌སློབ༌གཉེར༌ཁང༌།
ཝ༌ཤིང༌ཊོན༌གཙུག༌ལག༌སློབ༌གཉེར༌ཁང༌གི༌སློབ༌དཔོན༌པི༌ཊར༌ཨེ༌ཇལས༌དང༌ཁོང༌གི༌ཕྱག༌རོགས༌ཚོས༌རོ༌ཌི༌ཡམ༌རྡུལ༌ཕྲན༌དྲོད༌ཚད༌ཚུགས༌ཐུབ༌ཀླད༌ཀོར༌བར༌འཁྱགས༌སུ༌བཅུགས༌ཏེབྰོས༌༌༌༌ཨ༌ཡེན༌སྟྲེན༌ཞེས༌བརྗོད༌པའི༌རླངས༌གཟུགས༌གཤེར༌ངོར༌བསྒྱུརགནས༌སྟངས༌འདིའི༌ནང༌ལ༌ཕྲ༌རྡུལ༌རྣམས༌ཤིན༌ཏུ༌དལ༌པོའི༌ངང༌། ཚད་རྡུལ་རྣམ་གཞག་ནས་ཚོད་རྩིས་བྱས་པ་ལྟར་རླབས་ཀྱི་རྣམ་པར་མགུལ་སྐྱོད་བྱེད།

ཕྲ་རྡུལ་དེ་རྣམས་རིམ་འདས་གཤེར་གཟུགས་སུ་གོ་བའི་གཤེར་གཟུགས་དེའི་ནང་ནུས་པ་མ་བརླག་པའི་ངང་ནས་ཅིག་ཅར་དུ་མཉམ་སྐྱོད་བྱེད། ལོག་པའི་གདོས་ཚད་ཐོན་པའི་གནས་སྟངས་བསྐྲུན་ཕྱིར། ཉམས་ཞིབ་པ་ཚོས་རོ༌ཌི༌ཡམ་ཞེས་པའི་རྡུལ་ཕྲན་(གཙིར)་བ་དང་རྡུལ་ཕྲན་དེའི་འཁོར་སྐྱོད་བསྒྱུར་ཕྱིར་འོད་རླབས་ཟེར་བརྡ་སྤྱོད་ནས་རྡུལ་ཕྲན་དེའི་རྒྱབ་མདུན་ལ་རྡོག་རྡེག་བཞུ། རྡུལ་ཕྲན་དེ་དག་འོད་རླབས་ཟེར་བརྡའི་བཅུར་གཙིར་བར་ནས་སློད་སྐབས་དེ་དག་རྒྱ་སྐྱེད་ཕྱིན་པ་དང་། འགའ་ཞིག་གིས་ལོག་པའི་གདོས་ཚད་སྟོན་གྱི་ཡོད། “ལོག་པའི་གདོས་ཚད་ཅན་ཞིག་ལ་གལ་ཏེ་ཁྱེད་ཀྱིས་འབུད་རྒྱག་བརྒྱབ་ཚེ། དེ་ཁྱེད་ཀྱི་ཕྱོགས་ལ་ཚུར་མྱུར་སྐྱོད་བྱེད་པ་ཡིན།” ཝ༌ཤིང༌ཊོན༌གཙུག༌ལག༌སློབ༌གཉེར༌ཁང༌གི༌དངོས་ཁམས་སློབ༌དཔོན༌ཕྱག་རོགས་དང་། རྩོམ་སྒྲིག་རོགས་པ་མཨེ་ཀལ་ཕོར་བྷིས་དེ་ལྟར་བཤད། ཁོང་གིས་དེའི་ཐོག་སྣོན་ནས་གསུང་དོན། “དེ་ནི་རུ༌བི༌ཌིཡུམ༌རྡུལ༌ཕྲན༌དེ་མི་མངོན་པའི་རྩིག་པ་ཞིག་ལ་བརྡབ་སོང་བ་ལྟ་བུ་ཞིག་རེད།”

“ཐབས་ལམ་དེ་སྣང་ཆོས༌དེ་ཉིད༌ལ་གོ་རྟོགས་ཟབ་མོར་ལེན་ཕྱིར༌བཀོལ་ཆོག་པ་ཞིག་རེད།” ཅེས༌ཉམས་ཞིབ་པ་ཚོས་སྨྲ་ལ།
འདིར་ང་ཚོར་དང་པོར་གང་ཡོད་པ་དེ་ནི་ལོག་པའི་གདོས་ཚད་དེའི་རང་བཞིན་ལ་བཀའ་རྙོག་གཞན་གང་ཞིག་ཀྱང་མེད་པར་སྟངས་འཛིན་ཡག་པོ་བྱེད་རྒྱུ་ཞིག་ཡོད་པ་དེ་ཡིན། ཞེས་མཁས་དབང་ཕོར་བྷིས་གསུངས།

སྟངས་འཛིན་མཐོན་པོ་དེ་ཡིས་ཉམས་ཞིབ་པ་ཚོར་ལོག་པའི་གདོས་ཚད་དང་འཇིག་རྟེན་ཁམས་འདིའི་ནང་བརྟག་ཞིབ་བྱུང་བའི་བར་རྡུལ་སྐར་མ་དང་། བུ་ག་ནག་པོ། དེ་བཞིན་མི་མངོན་པའི་ནུས་བཅས་ཀྱི་བར་ལ་འབྲེལ་ལམ་ཇི་ཞིག་ཡོད་སྲིད་པ་དག་འཚོལ་ཞིབ་བྱེད་རྒྱུར་ཐབས་ལམ་ཞིག་བྱིན་ཡོད།

མངའ་རིས་བསྟན་འཛིན་དབང་ལྡན་གྱིས་དབྱིན་བསྒྱུར་བྱས།


No comments

Post a Comment

Like us on Facebook