ཚབ་རྩིས་ངོ་སྤྲོད།
ཚབ་རྩིས་ནི་ཧ་ཅང་གི་སྤྲོ་སྣང་ལྡན་པ་ཞིག་ཡིན་ཏེ། རང་ལ་དཀའ་རྙོག་མང་པོ་ཞིག་སེལ་དགོས་ཐུག་གི་ཡོད།
དཀའ་རྙོག་ཞིག
□-2=4
ཨང་གྲངས་གང་ཞིག་ཚང་མི་འདུགརེད། ལན་ 6 རེད། གང་ཡིན་ཟེར་ན་ 6 − 2 = 4 ཧ་ཅང་སྟབས་བདེ་རེད།
དོན་དངོས་སུ་ཚབ་རྩིས་ནང་སྒམ་སྟོང་སྤྱོད་ཀྱི་མེད། དེ་ལས་ཡི་གེ་སྤྱོད་པ་ཡིན། ནམ་རྒྱུན་ x ཡང་ན་ y སྤྱོད། ཡིན་ན་ཡང་ཡི་གེ་གང་སྤྱོད་ཀྱང་ཁྱད་མེད། དེ་འདྲ་ཡིན་དུས་ང་ཚོས་འདི་ལྟར་འབྲི།
x-2=4
འདི་ནི་སྟབས་བདེ་པོ་དེ་འདྲ་རེད། ཡི་གེ་(གནས་སྟངས་འདི་ནང་x) འདིས་ང་ཚོས་ད་དུང་རྟོགས་མེད་ཞེས་མཚོན་གྱི་ཡོད་རེད། འདི་ལ་རྒྱུན་ལྡན་ནས་འགྱུར་གྲངས་སམ་མ་རྟོགས་པའི་གྲངས་ཞེས་བརྗོད།དེ་རྗེས་རྩིས་འབྲས་འདོན་སྐབས་འདི་ལྟར་འབྲི།
x=6
ང་ཚོས་ཡི་གེ་ཅི་ཕྱིར་སྤྱོད་ཀྱི་ཡོད་དམ།
གང་ཡིན་ཞེ་ན:- སྒམ་སྟོང་ཞིག་ལས་ "x" འབྲི་རྒྱུ་སྟབས་བདེ། (བརྗོད་དུས་ཀྱང་"x" བརྗོད་བདེ་བ་ཡོད།)
- གལ་ཏེ་དེ་ན་སྒམ་སྟོང་(མ་ངེས་པ) ཁ་ཤས་ཡོད་ཚེ་ང་ཚོས་ཡི་གི་མི་འདྲ་བ་ཁག་ཅིག་མ་ངེས་པའི་གྲངས་དེ་དག་རེ་རེ་ཡི་ཚབ་ལ་བཀོལ་སྤྱོད་བྱེད་ཆོག
དེ་འདྲ་ཡིན༌དུས། xནི༌སྒམ་སྟོང་ཞིག་སྤྱོད་པ་ལས་ཧ༌ཅང༌གི༌སྟབས་བདེ། དེ༌ལས༌ལྷག༌ང་ཚོས་x མཉམ་དུ་མིང་ཚིག་ཞིག་བཟོ་ཐབས་བྱེད་ཀྱི་མེད།
མ་ཟད་འདི་ངེས་ཅན་དུ་x ཡིན་དགོས་དོན་མེད། y ཡང་ན་ w ཡང་ན་ཡི་གེ་ཅི་ཞིག་ཡིན་ནའང་ཆོག
རྩིས་འབྲས་ཇི་ལྟར་འདོན་དགོས་སམ།
ཚབ་རྩིས་ནི་གོ་རྙོག་ཞིག་དང་འདྲ་བར་ "x − 2 = 4" འདི་འདྲ་ཞིག་ནས་མགོ་འཛུགས་བྱེད་ཅིང་ "x = 6" འདི་འདྲ་ཞིག་ལ་མཇུག་སྐྱེལ་བྱེད་དགོས་པ་ཡིན། ཡིན་ན་ཡང་། "འདི་རང་རེད་ x=6" མ་ལབ་པར་དེ་ཚབ་ལ་གཤམ་གྱི་ཐབས་ལམ་རེ་རེ་བཞིན་སྤྱོད།- "x = ..." ཐོབ་པར་གང་ཞིག་འཐེན་དགོས་མིན་བལྟ་དགོས།
- ལྡོག་ཕྱོགས་དེ་བྱེད་ནས་འཐེན། ( སྡོམ་པ་དེ་འཐེན་པའི་ལྡོག་ཕྱོགས་ཡིན།)
- དེ་ཕྱོགས་གཉིས་ཀར་བྱ་དགོས།
འདི་ན་དཔེ་མཚོན་ཞིག་བཀོད་ན།
ང་ཚོས་ཕྱོགས་གཉིས་ཆར་ 2 ཅི་ཕྱིར་ སྣོན་པ་ཡིན་ནམ།
དེ་ནི་ "ཆ་སྙོམས་བཟུང་ཕྱིར་"རེད།སེམས་ལ་ངེས་དགོས་ལ་ཞིག་ལ་:
ཆ་སྙོམས་བཟུང་ཕྱིར་, ང་ཚོས་འདི་"=" ཡི་གཡས་ཕྱོགས་ལ་གང་བྱས་པ་དེ་
གཡོན་ཕྱོགས་ལ་ཡང་དེ་མཚུངས་བཞིན་བྱེད་དགོས།
No comments
Post a Comment