མཁའ་དབྱིངས་སུ་འགྲོ་འདོད་ཚེ་་་ན་སས་(ཨ་རིའི་སྐར་དཔྱད་ལྟེ་གནས་)གང་ཞིག་ཁྱབ་སྤེལ་བྱས་པ་དེར་ལྟོས་ཤིག གཟའ་མིག་དམར་ཐོག་འགྲོ་མི་བསྡུ་སྐོང་སྦྱར་ཡིག་དེས་མི་ཚོར་འོང་འགྱུར་གི་ལས་དོན་ལ་འཇུག་པར་སྐུལ་སློང་བྱེད་བཞིན་འདུག དོན་དངོས་ཐོག་གཟའ་མིག་དམར་སྟེང་མི་གཏོང་རྒྱུའི་ལས་འགུལ་དེ་ལོ་ངོ་དུ་མ་ཞིག་གི་རྗེས་སུ་མགོ་འཛུགས་བྱེད་རྒྱུ་ཞིག་ཡིན་རུང་། ན་ས་ཡིས་ད་ལྟ་ནས་གཟའ་དམར་པོ་དེའི་ཐོག་སྐྱོད་འདོད་ཡོད་མཁན་གྱི་མི་སྣ་འཚོལ་བའི་ལས་ལ་བཞུགས་ཟིན། ཉེ་འཆར་ན་སས་ཞིང་པ་དང་། ས་ཞིབ་པ། བཟོ་རྩལ་པ། དེ་བཞིན་དགེ་རྒན་བཅས་དགོས་པའི་སྐོང་འགུག་སྦྱར་ཡིག་བརྒྱད་སྤེལ་འདུག “ཁྱེད་ཀྱིས་ད་བར་ང་ཚོ་བཞིན་དེ་ན་(གཟའ་མིག་མར་) ཅི་ཞིག་ཡོད་དམ་ཞེས་དྲིས་མྱོང་ངམ། ང་ཚོའི་ཤེས་འདོད་དེས་གཟའ་མིག་དམར་དང་དེར་འཁོར་སྐྱོད་བྱེད་བཞིན་པའི་ཟླ་བ་གཉིས་ཏེ། ཕོ་བྷོས་དང་དྷི་མོས་ལྟ་བུའི་གནས་རྣམས་ལ་འཚོལ་ཞིབ་བྱེད་རྒྱུར་སྐུལ་མ་བྱས་བྱུང་། མ་ཟད་དེའི་ཐོག་གི་ལུང་གཤོང་དང་གྲོག་ཤུར། དོང་ཁ་ད་དུང་རི་བོ་སོགས་ཅི་ཞིག་ཡོད་པ་རྣམས་འཕྲུལ་ཆས་དང་ནམ་ཞིག་མི་རྒྱུད་ནས་ཀྱང་འཚོལ་རྙེད་བྱ་རྒྱུ་ཡིན།” ཞེས་ཁོང་ཚོས་བཏོན་པའི་སྦྱར་ཡིག་ཞིག་གི་མིང་སྦྱང་ཐོག་དེ་ལྟར་བྲིས་འདུག བསྒྱུར་རྩོམ་འདི་ཡི་ཁུངས།
Wednesday, 19 April 2017
Subscribe to:
Post Comments (Atom)
No comments
Post a Comment